标题:热列迎接我们敬爱的上师贵体康复回寺庙! 内容: མཁན་ཆེན་ངག་དབང་ཤེས་རབ་མཆོག་རང་དགོན་དུ་ཕེབས་པའི་རྣམ་པ་ཁག་ཅིགརིན་པོ་ཆེ་མཆོག་རང་དགོན་དུ་ཕེབས་པའི་རྣམ་པ་ཁག་ཅིགསྟོང་དང་རྟེན་འབྱུང་ཤེས་བྱ་ཀུན་གྱི་གནས་ལུགས་རྟོགས། །          བྱམས་དང་སྙིང་རྗེ་ལྷག་བསམ་གཙང་མའི་ཚུལ་ཁྲིམས་གཙང་། །བཅུ་ཕྲག་རིག་གནས་ཤིང་རྟའིི་སྲོལ་འབྱེད་རྣམ་དང་མཚུངས། །མཁས་བཙུན་བཟང་གསུམ་ལྡན་པའི་བླ་མ་ཁྱེད་ཉིད་མཆོད། །               དེ་ཡང་དམ་པ་གང་ཉིད་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེང་གེའི་ཞུགས་ཁྲིར་མངལ་གསོལ་ནས་རང་དགོན་རྟ་ནག་ཐུབ་བསྟན་དགོན།  ཨུ་རྒྱན་གུ་རུ་དགོན།  དཔལ་ཉི་མ་ལུང་དགོན།  ཚ་ཁ་སྒྲུབ་སྡེ་དགོན་སོགས་ཀྱིས་འདུས་སྤྱི་ཡོངས་ནས་མཁན་རིན་པོ་ཆེ་འདི་ཉིད་ཞབས་ཀྱི་པད་མོར་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་མཎྜལ་སྐུ་གསུང་ཐུགས།   ཡོན་ཏན་འཕྲིན་ལས་དང་བཅས་པ་གཟབ་རྒྱས་ངང་ཕུལ་བཞིན་པའི་རྣམ་པ་ཟུར་ཙམ་ཞིག །གཞིས་རྩེ་ནས་རང་དགོན་དུ་ཕེབས་པའི་ལམ་བར་གྱི་རྣམ་པ་ཟུར་ཙམ་ཞིག །ཟོལ་མེད་མོས་གུས་དྲག་པོའི་གདུང་ཤུགས་ཀྱིས། །     སྐྱབས་གཅིག་དཔལ་མགོན་བླ་མར་གསོལ་འདེབས་ན། །རང་དགོན་རང་ཡུལ་ཐུགས་རྗེས་མ་གཡེལ་བར། ། ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་བཞུགས་གསོལ།ལྟ་༵བ་ཡང་དག་འོ་མའི་མཚོ་ཆེན་འཁྱིལ། །སྒོམ༵་པ་རྣམ་དག་གསེར་གྱི་རི་བོ་འགྱིང་། །སྤྱོད༵་པ་པད་མ་དཀར་པོའི་རང་མདངས་གྲོལ། །བྱམས་སེམས་སྙིང་སྟོབས་ཆེན་པོ་བརྟན་བཞུགས་གསོལ། །དེ་ཡང་དམ་པ་གང་ཉིད་ཀུན་མཁྱེན་རྒྱལ་བའི་གདན་ས་རྟ་ནག་ཐུབ་བསྟན་དགོན་དུ་ཕེབས་གྲུབ་ནས་རང་དགོན་གྱི་འདུས་སྤྱི་ཡོངས་ནས་དགའ་བ་འབུམ་ལྡན་གྱི་བསུ་བ་གསེར་སྦྲེང་གཟབ་རྒྱས་ངང་ཞུ་བཞིན་པའི་རྣམ་པ་ཟུར་ཙམ་ཞིག །བསླུ་མེད་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་དང་། །ཆོས་ཉིད་རྟེན་འབྲེལ་བཟང་པོའི་ནུས་སྟོབས་ཀྱིས། །སྐྱབས་མཆོག་ངག་༵ལ་དབང༵་འགྱུར་བཞེད་དོན་ཀུན། །ཤེས་༵དང་རབ་གསལ༵་ཀློང་ནས་དགེ་ལེགས་སྩོལ། །དེ་ཡང་དམ་པ་གང་ཉིད་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབས་འབྱམས་པ་བསོད་ནམས་སེང་གེའི་ཞུགས་ཁྲིར་མངལ་གསོལ་ནས་རང་དགོན་རྟ་ནག་ཐུབ་བསྟན་དགོན།  ཨུ་རྒྱན་གུ་རུ་དགོན།  དཔལ་ཉི་མ་ལུང་དགོན།  ཚ་ཁ་སྒྲུབ་སྡེ་དགོན་སོགས་ཀྱིས་འདུས་སྤྱི་ཡོངས་ནས་མཁན་རིན་པོ་ཆེ་འདི་ཉིད་ཞབས་ཀྱི་པད་མོར་སྐུ་ཚེ་བསྐལ་བརྒྱར་བསྟན་ཕྱིར་མཎྜལ་སྐུ་གསུང་ཐུགས།  ཡོན་ཏན་འཕྲིན་ལས་དང་བཅས་པ་གཟབ་རྒྱས་ངང་ཕུལ་བཞིན་པའི་རྣམ་པ་ཟུར་ཙམ་ཞིག ། 发布时间:2019-09-12 15:47:27 更新时间:2024-08-29 07:53:48 来源:素超人 链接:https://suchao.ren/wei-sushi-6073